티벳어 회화 상급 05 tibetan-dialogue-high-5

series: tibetan-dialogue-high

series-number: 05

tibetan-title: ༄༅ སློབ་ཚན་དང་པོ། - ཨ་མ་ལགས་དང་བུ་མོ་ཁྲོམ་ལ་ཉོ་ཆ་སྐྱོན་ག་ཕེབས་པ།

korean-title: 어머니와 딸이 시장에 쇼핑하러 가시다.

subject: 시장

original: By Dekyi in Dharamsala

tibetan-dialogue-high-05

NO NAME Dialogue - TIBETAN Dialogue - KOREAN
1 བུ་མོ། ཨ་མ་ལགས། ང་གྲ་སྒྲིག་1ཚར་སོང། ཁྱེད་རང་ཕེབས་ཆོག་ཆོག་ཡིན་ན། 엄마, 저는 준비 끝났어요. 가실 준비 되셨나요?
2 ཨ་མ། ང་འགྲོ་ཆོག་ཆོག་ཡིན། ད་བྱས་ན་འགྲོ། 나도 갈 준비됬어. 그럼 가보자2.
3 བུ་མོ། ཨ་མ་ལགས། ང་རྣམ་གཉིས་ཁྲོམ་ལ་གང་འདྲས་སེ་ཐད་ག (ཕེབས་གས) 엄마, 우리는 시장에 어떻게 갈 건가요?
4 ཨ་མ། ང་གཉིས་སྤྱི་སྤྱོད་རླངས་འཁོར་3ནང་ལ་ཕྱིན་ན་ (འགྲོ་ན་) འགྲིག་གི་རེད། 버스를 타고 가면 될 거야.
5 བུ་མོ། ཨ་མ་ལགས། ཁྱེད་རང་སྤྱི་སྤྱོད་རླངས་འཁོར་ནང་ལ་སྙུང་གི་འདུག་གབྱས་ཙང་གླ་བྱེད་རླངས་འཁོར་གཅིག་གླས་ན་འགྲིག་གི་མ་རེད་པས། 엄마는 버스타면 멀미 하잖아요. 그러니까 택시 타고 가는게 괜찮지 않을까요?
6 ཨ་མ། ཡོང་གི་མ་རེད། དེང་སང་གླ་བྱེད་རླངས་འཁོར་དེ་ཚོ་གོང་ཆེན་པོ་ཞེ་དྲགས་འདུག 그렇지 않아. 요즘 택시들이 아주 비싸.
7 བུ་མོ། ཡོང་ང་། ཡོང་ང་། ད་བྱས་ན་སྤྱི་སྤྱོད་རླངས་འཁོར་སླེབས་སོང་། ཕེབས་གས། (འགྲོ་གས) 그래요. 저기 버스가 왔네요. 갈까요?
8 ཨ་མ། ཡ་ཡ། ད་འགྲོ། བུ་མོ། ཉོ་ཆ་རྒྱག་ཡག་གི་ཐོ་དེ་འཁྱེར་ཡོད་པས། 그래그래. 가자. 딸, 쇼핑목록 가져왔니?
9 བུ་མོ། ལགས་འཁྱེར་ཡོད། དང་པོ་དུག་སློག་ཉོ་སར་ཐད་ག ཚལ་ཉོ་སར་ཐད་ག 네, 가져왔어요. 먼저 옷 파는 곳에 갈까요? 채소 파는 곳에 갈까요?
10 ཨ་མ། དང་པོ་དུག་སློག་ཉོ་སར་འགྲོ །རང་ལ་དུག་སློག་ཉོ་དགོས་མ་རེད་པས། 먼저 옷 파는 곳에 가자. 너 옷 사야하지 않니?
11 བུ་མོ། དེ་རིང་ང་དུག་སློག་མང་པོ་ཉོ་དགོས་ཡོད། སློབ་གྲྭའི་སྒྲིག་ཆས་དང་། ནམ་རྒྱུན་གྱི་གོས་ཐུང་དང་སྟོད་ཐུང་། ལྷམ་གོག་ཀྱང་ཉོ་དགོས་ཡོད། 오늘 옷을 많이 사야해요.학교 교복하고 평상시에 입을 바지랑 윗옷, 그리고 신발도 사야해요.
12 ཨ་མ། རང་འདིར་ཤོག་དང་། ཕ་གིར་དུག་སློག་ཡག་པོ་དེ་འདྲས་འདུག 이리 와바. 저기 좋은 옷이 있는 것 같다.
13 བུ་མོ། ཚོང་དཔོན་ལགས། གོས་ཐུང་ཕ་གིར་ག་ཚོད་རེད། ཅིག་བསྟན་གནང་དང་། 사장님, 저 바지는 얼마죠? 하나 보여 주시겠어요?
14 ཚོང་པ། གོས་ཐུང་ག་གི་དགོས། གོས་ཐུང་ཚོས་གཞི་དང་རྒྱུ་ཆ་མི་འདྲ་བ་མང་པོ་ཡོད། 어떤 바지요? 색깔과 재질이 다른 바지가 많이 있습니다.
15 ཨ་མ། ཨ་ལས། བྱས་ན་ང་ལ་གོས་ཐུང་སྔོན་པོ་ཕ་གི་ཅིག་བཤུག་དང་། 아, 그래요. 그러면 저 파란색 바지 하나 주세요.
16 ཚོང་པ། ལགས་སོ། །འདི་རེད་པ། 예, 알겠습니다. 이거 말씀이시죠.
17 ཨ་མ། ལགས་རེད། ཨ་ནི། ལྷམ་གོག་དམར་པོ་དེར་ག་ཚོད་ཡིན་ན། 예. 맞습니다. 그리고 저기 빨간색 신발은 얼만가요?
18 ཚོང་པ། ལྷམ་གོག་དམར་པོ་དེར་སྒོར་མོ་ཆིག་སྟོང་ལྔ་བརྒྱ་རེད། 저 빨간 신발은 만 오천원(\ 15,000)입니다.
19 ཨ་མ། ཨ་མ་ལོ། གོང་ཆེ་ཐག་ཆོད་ཤག །ཏོག་ཙམ་གཅོག་ཡག་ཡོད་མ་རེད་པས། 우와, 정말 비싸네요. 조금 깍아 주실 수 있나요.
20 ཚོང་པ། ཨ་མ་ལགས། ཁྱེད་རང་དངོས་གནས་གཟིགས་ཡག་ཡིན་ན་གཅིག་སྟོང་ཉིས་བརྒྱ་གནང་ན་འགྲིག་གི་རེད། 어머님, 진짜 사실 거면 만 이천원만 주셔도 괜찮습니다.

  1. གྲ་སྒྲིག་ / 준비 / prepacation, ready 

  2. 가다 / go. 

  3. སྤྱི་སྤྱོད་རླངས་འཁོར་ / 버스. 대중버스 / bus, public bus